R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༢བ
[A:༤༠༢བ]ནག་པོ་ཆེན་པོའི་འཁུ་ལྡོག་སྤང་བ། བཟླས་པ་སྤྱིའི་སྔོན་དུ་འགྲོ་བ་བརྒྱད་དང་། སོ་སོའི་ཁྱད་པར་གསུམ་བསྟན་པའི་ཐུན་མོང་མ་ཡིན་པའི་བསྙེན་པ། སྲོག་ཕུར་གྱི་མན་ངག་རྣམས་བདག་ཆེན་རྡོ་རྗེ་འཆང་གི་ཡིག་རིས་སོ་སོའི་བཀོད་པ་སློབ་མའི་དོན་དུ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་མི་དགག་པའི་མཚན་མ་བྱུང་བར་བརྟེན། བཅོས་བསླད་མེད་པར་གཅིག་ཏུ་བསྡོམས་ནས་ཁའུ་སྐྱེད་ལྷས་ནས་མགོ་བརྩམས་དཔལ་ཨེ་ཝཾ་ཆོས་ལྡན་དུ་རྫོགས་པར་གྲུབ་པའི་ཡི་གེའི་མཇུག་ཏུ་འཕགས་པ། དམ་པ་ཀུན་གྲགས། བཛྲ་ཤྲཱིམངྒ་ལཾ་སིདྡྷི། བར་སྡིངས་པ་རྡོ་རྗེ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་རྣམས་ནས་རིམ་པར་བརྒྱུད་པ་བདག་ཆེན་རྡོ་རྗེ་འཆང་གི་བཀའ་རྒྱས་བཏབ་ནས་གནང་ཚུལ་བཅས་ཡོད་པ་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བ། མངའ་རིས་པ་དགེ་སློང་ཆོས་སྐྱོང་གྲགས་དང་། དམར་ཁམས་པ་གྲགས་པ་དཀོན་མཆོག་སེང་གེས་ལོ་དྲུག་བདུན་གྱི་བར་དུ་བསྐུལ་བར་ལ་བརྟེན་ནས། ཆོས་སྐྱོང་ལ་གསོལ་བ་བཏབ་པས་མི་འགེགས་པའི་གནང་བ་བྱུང་བར་བརྟེན་
(ཞ)
(ཁ)
ལྕགས་བྱ་སྣྲོན་ཟླ་བའི་ཉེར་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་དུ་མཛད་