R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༢ན
[A:༤༠༢ན]མགོར། མགོན་པོའི་རུ་མཚོན་བཅའ་ཐབས་ཞེས་ཡོད་པའི་ཐུན་མོང་མ་ཡིན་པའི་ཟིན་བྲིས་བསྟོད་པ་བྱེད་ཚུལ་རྣམས་གཞན་དང་འདྲའོའི་མཐའ་ཅན། ༧མགོར། མགོན་པོའི་གཏོར་ཆེན་བྱེད་ཚུལ་ལ་རྣལ་འབྱོར་པ་ཁ་ལྷོ་ལ་བལྟས་པའི་མདུན་དུ་ཞེས་ཡོད་པའི་གཏོར་ཆེན་གྱི་ཟིན་བྲིས་རྐང་རྗེས་རྣམས་རྡོ་རྗེ་རྒྱ་གྲམ་དུ་བསམ་མོའི་མཐའ་ཅན། ༧མགོར། མདོས་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། དང་པོ་ནི། ཞེས་སོགས་ཡོད་པའི་མདོས་ཀྱི་ཟིན་བྲིས། མཁའ་འགྲོ་རྣམས་ཀྱི་འཁུ་ལྡོག་མི་འབྱུང་ཞིང་བཟོད་པར་གསོལ་གྱི་མཐའ་ཅན། དེའི་ཆ་ལག་མདོས་བྱིན་གྱིས་བརླབ་པ།
འདི་དཀར་ཆག་ན་མི་གསལ་ཡང་གོང་གི་འཕྲོས་ཡིན་ནམ་སྙམ།
བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བརྗོད་དོའི་མཐའ་ཅན། ཡང་དགོན་མཁན་ཆེན་པའི་ཟིན་བྲིས་འདི་རྣམས་ངོ་མཚར་བའི་ལེགས་བཤད་དང་། ནོར་འཁྲུལ་ཅུང་ཟད་ཀྱང་ཡོད་ཅེས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསུངས་པས་སླད་མར་ཡང་ཡི་གེ་མན་ངག་གཞན་དག་དང་བསྟུན་ནས་དཔྱད་དགོས་པར་སྣང་ངོ་། ། ལྔ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོས་མཛད་པའི་ཡི་གེ་ལ་