R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༥ན
[A:༤༠༥ན]ལེན་ཚུལ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་སྙན་རྒྱུད་ཡིད་བཞིན་ནོར་བུ་རྡོ་རྗེའི་མཆེད་ཟླ་ཨརྠ་སིདྡྷི་ཤྲཱི་མཾ་གྱི་ཉམས་ལེན་དུ་ཞོ་ལུང་མཚོ་ཁའི་རི་ཁྲོད་དུ་མཛད་པ། ༧དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་སྦགས་ཏེ་སྒྲུབ་པའི་སྲུང་འཁོར་མདུན་གང་འཕགས་པའི་ཡི་གེའི་གསལ་བྱེད་
(ཞ)
རྗེ་བླ་མ་མཧཱ་ཀཱ་ལའི་གསུང་གི་བདུད་རྩི་མྱང་སྟེ་ཐོ་ཙམ་བཀོད་པ། ༧འདིའི་ཉམས་ལེན་ཡོད་ན་ནད་ཡམས་སོགས་ཡུལ་ཕྱོགས་ཙམ་དུ་ཡང་མི་འབྱུང་ཞེས་སྒ་ཨནནྡ་པས་ཆེ་བ་དཔག་ཏུ་མེད་པ་མཛད་པའི་ཟབ་གནད་མའོ།
འདི་མཚམས་དཀར་ཆག་དང་གཞུང་པོད་ན་ལྷ་བརྒྱད་ཀྱི་སྲུང་འཁོར་བྲི་ཡིག་ཅེས་སྣང་བ་གསན་ཡིག་ཆེར་མ་ཐེབ་པ་དང། ལུང་རྒྱུན་མེད་པ་གང་ཡིན་བརྟག །
༧མགོར། གུ་རུ་བཛྲ་དྷ་ར་ན་མོ། གསང་སྒྲུབ་ཀྱི་སྐབས་སུ་རྗེ་བླ་མའི་གསུངས་ནས་ཞེས་ཡོད་པའི་གསང་སྒྲུབ་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་སྒྲོས་སྙིང་གི་དཀྱིལ་ལས་གཞན་དུ་མ་ཡིན་ནོའི་མཐའ་ཅན། ཆིག་བརྒྱུད་ཀྱི་གྲས། ༧རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་དཀྱིལ་འཁོར་ཆེན་པོ་བསྡུས་པའི་རྟོག་པ་ལས་ནང་སྒྲུབ་དང་གསང་སྒྲུབ་བསྟན་ཚུལ་ཕ་རྒོད་རྡོ་རིངས་