[A:༤༠༥བ]པ་ཀུན་བཟང་ཆོས་ཀྱི་ཉི་མའི་གསུང་ཇི་ལྟ་བ་བཞིན་དེ་མ་ཐག་ཏུ་ཟིན་བྲིས་བགྱིས་པ། གསང་རྟེན་བླ་རྡོ་བཅང་ཐབས། འདིའི་སྦྱར་བྱང་དུ། དམ་ཅན་འཁུ་ལྡོག་སྤོང་བའི་གདམས་པའི་བཅུད། །རྩ་བརྒྱུད་བླ་མས་ཅུང་ཟད་ཡིག་རིས་སུ། །མཛད་ཀྱང་ནམ་མཁའི་མཛུབ་རིས་ཇི་བཞིན་དུ། །སྙན་བརྒྱུད་ཞལ་ཤེས་བྲལ་བས་རྟོགས་མ་ནུས། །འདི་ནི་མ་སྦས་ལག་ལེན་ལྷུག་པར་བྲིས། །བཀའ་དྲིན་དྲན་ནོ་རྗེ་བཙུན་ཁའུ་པ། །གསང་ཆེན་བསྟན་པ་གཏད་དོ་སྙིང་གི་བུ། །ཞེས་མདོ་ཁམས་རྡོ་རྗེ་བཀྲ་ཤིས་ལ་གནང་བ་ཡིན་པས་བཀའ་བརྒྱ་ཤིན་ཏུ་དམ་པར་འདུག་ཅིང་ཆིག་རྒྱུད་ཀྱི་གྲས་ཀྱང་ཡིན། ༧ནང་སྒྲུབ་ཀྱི་འཁོར་ལོ་ལྔའི་ལས་སྦྱོར་ཐུན་མོང་མ་ཡིན་པ་སྤུ་གྲི་སོ་འདེབས་ཀྱི་གདམས་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོའི་ཕྱག་བྲིས་དངོས་ཟིན་བྲིས་འཐོར་བུ་འཁྲུགས་ཅན་དུ་བཞུགས་པ་ལས་བཀའ་གནང་བ་ཞུས་ཏེ་དཀྱུས་སུ་བྲིས་པ་ཆིག་བརྒྱུད་མའི་གྲས། ༧མགོར། ན་མོ་བཛྲ་ཨཱ་ཙརྱ། དམ་ཅན་རྒྱ་མཚོའི་ཡུམ་ཆེན་མ། །ཞེས་ཡོད་པའི་ཨེ་ཀ་ཛ་ཊི་ལ་བརྟེན་ནས་རིམ་ནད་སྲུང་བའི་གདམས་པ་རྗེ་བཙུན་རྡོ་རིངས་པའི་གསུང་གི་ཉིང་ཁུ་ས་མཱཔྟ་མི་ཐིའི་མཐའ་ཅན། ནག་པོ་ཆེན་