[A:༤༠༦བ]ཐོག་སྲུང་ཤྭ་ཟློག་དང་བཅས་པ་དཔལ་བྲག་མིག་ཆོས་རྫོང་གི་ཡང་དབེན་དུ་མཛད་པ། ༧དམ་ཅན་སྲུང་མ་རྣམས་ལ་ཕྱི་རྟེན་འཛུགས་པའི་ལག་ལེན་གྱི་ཡི་གེ་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་གཙང་རོང་མཚོ་ལྷའི་མགུལ་གྱི་རི་ཁྲོད་བསམ་གཏན་རྩེར་སྦྱར་བ། གནས་དེ་ཉིད་དུ་མཛད་པའི་དམ་ཅན་སྲུང་མ་རྣམས་ཀྱི་ཐུན་མོང་གི་རུ་མཚོན་འཛུགས་པའི་ཡི་གེ །ཟབ་གནད་འདི་དག་ལ་བརྟེན་ནས་མཚོ་ལ་ངང་པ་དང་ཤ་རུལ་ལ་སྦྲང་མ་ལྟར་འདུས་པས། ཁའུ་སྐྱེད་ལྷས། རྩེ་ཐང་བསམ་གཏན་གླིང་། འཕན་ཡུལ་དཔལ་ལྡན་རྩེ་སོགས་སུ་སྲུང་མ་རང་བཞིན་གྱིས་འདུ་བའི་གནས་ཡིན་ཞེས་པའང་གནད་འགགས་ཟབ་མོ་ལ་བརྟེན་པ་ཡིན་གྱི། སྣང་ཤེས་ཀྱི་དབང་གི་ཁང་པའི་ཡང་ཐོག་རྩེར། །རྔ་ཐུགས་འཛུགས་པའི་སྐྱེ་བོ་མང་ན་ཡང། །བརྒྱུད་པའི་མན་ངག་ལག་ལེན་དང་ལྡན་པ། །འདི་འདྲ་ཤེས་པའི་སྔགས་འཆང་ཉིན་སྐར་ཙམ། །ཞེས་གསུངས་པ་དོན་ལ་གནས་པས་ཟབ་གནད་མི་ཤེས་པའི་ལྡེར་སོ་གོག་པོ་ཙམ་ལ་ཡིད་རྟོན་མི་བྱའོ། །༧ནག་པོ་ཆེན་པོའི་དམར་ཆེན་གཏོར་ཟློག་གི་ཆོ་ག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། འདི་ནི་མགོན་པོ་ལ་བརྟེན་པའི་གཏོར་