R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༧ན
[A:༤༠༧ན]བཟློག་གི་ཆོ་ག་འཁྲུལ་པ་མེད་པ་ཡིན་ལ། དེང་སང་དམར་ནག་འཇིགས་གསུམ་གྱི་ཚབ་ལ་མགོན་པོ་དང་། ལས་གཤིན་གྱི་ཚབ་ཏུ་པུ་ཏྲ་བྱས་པའི་མགོན་པོ་དྲུག་ཅུ་པར་གྲགས་པ་སོགས་ནི་ཟུར་ཟ་བའི་ཡུལ་དུ་བྱེད་པའང་ཡོད་དོ། །
ས་ལོ་ཡབ་སྲས་ཀྱི་ཕྱག་ལེན་དཔལ་ས་སྐྱའི་མགོན་པོ་དྲུག་ཅུ་མ་འདི་ལ་ཚད་ལྡན་ཡིན་པའི་རྒྱུ་མཚན་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་ཡིག་རྙིང་ཁུངས་སུ་དྲངས་པའི་དྲིས་ལེན་ལོག་རྟོག་འཇོམས་པའི་ལྷ་དབང་རྡོ་རྗེ་ཞེས་བྱ་བ་འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པ་ལས་ཟུར་དུ་རྟོགས་པར་བྱའོ།།
༧གཏོར་བསྐུལ་འོག་མིན་བདེ་ཆེན་མ། དམ་ཅན་པུ་ཏྲའི་བསྐང་གསོ་ཕྲིན་ལས་ལྷུན་གྲུབ། དེའི་སྐོང་རྫས་བྱིན་རླབས་རླུང་ལྟར་འཚུབས་ཏེ་བྱོན་པར་གྱུར། བཛྲ་ས་མ་ཛཿའི་མཐའ་ཅན། ཆོས་སྐྱོང་གི་དྲི་བ་ལྷག་བསམ་རབ་དཀར་རྣམས་སོ།། ༈ བདུན་པ་དཀར་ཆག་ཏུ་མི་བཞུགས་པའི་ཡིག་ཆའི་སྐོར་ལ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཡང་སྐོང་གླེགས་བམ་དུ་གྲགས་པ། དེ་ཉིད་ཀྱིས་མཛད་པའི་དཀར་ཆག་ལྟར་གྱི་ཆོས་སྐོར་ལ། མཐུ་ཆེན་ཨཱ་ནནྡ་པས་མཛད་པ། བདག་