R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༨ན
[A:༤༠༨ན]མན་ངག་ཕྱི་རོལ་གྱི་ལྷ་སོགས་གནད་དྲུག །
འདི་གཉིས་གཞན་དུ་ཞལ་འཕང་།
ནང་སྔགས་སོགས་གནད་དྲུག་གི་མན་ངག །གསང་བ་ཡང་རྟག་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་བྲན་བཞིན་དུ་བཀོལ་བའི་ཟབ་གནད་ཀྱི་མན་ངག་སྤོགས་ཆོག་དང་།
འདི་གཞན་དུ་ཞལ་འཕང་།
བཅས་པ་སྙིང་ནང་གི་ཁྲག་ལྟ་བུ་གཞན་ལ་ཕན་པའི་བློས་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་བཏབ་སྟེ་མདོ་སྨད་གཉན་ཚེའི་སའི་ཆར་སྦྱར་བ། མཇུག་ན། བླ་མ་ལ་གུས་སྙིང་རྗེར་ལྡན། བསྟན་ལ་སེམས་པའི་བུ་ཡི་མཆོག །སྙིང་དང་འདྲ་བ་གཅིག་ལ་སྦྱིན། །གཞན་ལ་མང་དུ་སྤེལ་གྱུར་ན། །ལས་མཁན་པུ་ཏྲ་འཁོར་བཅས་ཀྱི། །མགོ་ཆོད་སྙིང་ཁྲག་ཞལ་དུ་གསོལ། །ཞེས་བཀའ་རྒྱ་དམ་པར་གནང་ངོ་། ༧འཁུ་ལྔོག་སྤང་བའི་ས་བཅད་བཞི་པའི་ཞལ་འཕངས་པ་སྤོགས་ཆོག་གི་གསལ་བྱེད་སྲོག་ཕུར་གྱི་གནད་དུ་བསྡིགས་པས་ལས་མྱུར་དུ་འགྲུབ་པ་སྙིང་ནང་གི་ཁྲག་ལྟ་བུའི་ཡི་གེ་རང་གི་དྲན་པ་གསོ་ཕྱིར་བྲིས་པ།
རྗེ་བཙུན་རྡོ་རིངས་པའི་ཡིག་ཆ་འདི་རྣམས་འཁྲུགས་བསྡེབས་སུ་གོང་