R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༨བ
[A:༤༠༨བ]
དུའང་བཞུགས།
༧མགོར། ན་མོ་གུ་རུ། མགོན་པོའི་གཏོར་ཆེན་བྱ་བར་འདོད་པས་རྣལ་འབྱོར་པ་ཁ་ལྷོར་བལྟས་ཞེས་ཡོད་པའི་
(ཞ)
མགོན་པོ་ལྷ་བརྒྱད་ཀྱི་གཏོར་ཟློག་གི་ཕྱག་ལེན་དབེན་གནས་ཁུའུའི་བྲག་རྫོང་དུ་མཛད་པ་རྣམས། བཟླས་པ་སྤྱིའི་སྔོན་འགྲོ་བརྒྱད། སོ་སོའི་ཁྱད་པར་བསྟན་པ་གསུམ་གྱི་ཞལ་ཤེས་
(ཞ)
སྐལ་བར་ལྡན་པ་རྣམས་ཀྱི་དོན་དུ་ལེགས་པར་སྦྱར་བ། མཇུག་ན། སྙིང་དང་འདྲ་བའི་མན་ངག་དམ་པ་འདི། །ཀུན་ལ་མི་སྦྱིན་གསང་བའི་བཀའ་རྒྱ་ཡོད། །སྣོད་ལྡན་དག་ལ་ཆིག་བརྒྱུད་ཚུལ་དུ་སྦྱིན། །གཞན་ལ་རྒྱ་ཆེར་མང་དུ་སྤེལ་གྱུར་ན། །ལས་ཀྱི་མགོན་པོའི་ཟངས་གྲི་རྣོན་པོ་ཡིས། །དེ་ཡི་མགོ་ཆོད་ཡན་ལག་རྒྱན་དུ་གྱིས། མན་ངག་རིན་ཆེན་སྙིང་གི་དཀྱིལ་དུ་ཆོངས། །ཞེས་སྣང་ངོ་། །ཆོས་ཚན་བཞི་པོ་དུས་གཅིག་ལ་ཆིག་བརྒྱུད་དུ་གནང་བའི་བཀའ་རྒྱ་ཅན་ཡིན་ཅིང་། ལས་སྦྱོར་གྱི་སྔོན་འགྲོ་ཞེས་པ་ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག་ལུང་ཡང་གནང་ངོའི་མཐའ་ཅན། རིགས་སྔགས་གོ་ལྡོག་ཡིག་ཆུང་། ནག་པོ་ཆེན་པོའི་སྒོ་ནས་འཕྲིན་ལས་གང་སྒྲུབ་ཀྱང་