R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༠ན
[A:༤༡༠ན]སྙན་བརྒྱུད་ཉིང་ཁུ་ཡིན་གྱི་བསླུས་པ་མེད། །སྙིང་དཀྱིལ་སྦོས་ལ་བསྙེན་སྒྲུབ་ཚད་དུ་སྐྱོལ། །ཁས་ཞན་སྐྱབས་དང་བྲལ་བའི་དུས་བྱུང་ན། །མཚོན་འདི་ཕྱུངས་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །དེ་མིན་ཉེས་ཆུང་ཙམ་ལ་མི་རྩོམ་ཞིང་། །ཞེས་གསུངས་པས་བག་དང་ལྡན་པ་གནད་དུ་ཆེ་ཞིང་ཆིག་བརྒྱུད་མའི་གྲས་སོ། ། ༧ རྡོ་རྗེ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་མཉེས་བྱེད་གཏོར་སྒྲུབ་བསྐང་གསོའི་ཕྱག་ལེན་གྱི་གསལ་བྱེད་ལྷན་ཐབས་དངོས་གྲུབ་རོལ་མཚོ་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་ལེན་འཁྲུལ་མེད་དུ་བཀོད་པ།
འདི་ཡང་འཕྲོ་ཅན།
༧དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་མ་གསུམ་གྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་སྙིང་གི་ཁྲག་ལྟ་བུའི་གདམས་པ་ཟོར་འཕེན་པ་མན་ཅུང་ཟད་མཛད་འཕྲོ་ལུས་པ་ཆིག་བརྒྱུད་མའི་གྲས། ༧གུར་མགོན་ཕོ་རྒྱུད་མོ་རྒྱུད་ཞལ་སྟག་གཞོན་དང་བཅས་པའི་དམོད་བཅོལ་གྱི་ཡི་གེ་མགོར་སོ་སོའི་སྔགས་དང་གུར་བཞིན་བྲིའོའིམཐའ་ཅན། ༧མང་མཁར་ཐུབ་བསྟན་དགེ་འཕེལ་
(ཞ)
གུར་མགོན་ལ་བཅོལ་བའི་དམ་བསྒྲགས། ༧ གསུང་