R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༠བ
[A:༤༡༠བ]སྒྲོས་ཟིན་བྲིས་ལ། མགོར། ཨོཾ་སྭ་སྟི། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་མགོན་ཆེན་གྱི་དམ་ཚིག་གསོ་བའི་བསྐང་གསོའི་ཟིན་བྲིས་རྗེས་ཆོག་རྣམས་དཀྱུས་བཞིན་མཛད་དོའི་མཐའ་ཅན། གུར་ཞལ་སྦྲེལ་མའི་གཏོར་ཆེན་ཟིན་བྲིས་ཟོར་ལམ་དབྱེ་བ་སོགས་ལྷན་ཐབས་ཇི་བཞིན་མཛད་དོའི་མཐའ་ཅན། སྐུ་རྟེན་བྲིས་འབུར་བཞེངས་ཚུལ། རབ་གནས་ཞག་བདུན་མ། གསུང་རྟེན་གླེགས་བམ། ཐོད་རྔ། རྔ་ཆེན། རྐང་གླིང་བཞེངས་པ། ཐུགས་ཆེན། རྡོ་རྗེ། གྲི་གུག །ཐོད་པ། གཎྜི། རྩེ་གསུམ་བཞེངས་པ། ཕྱི་རྟེན་རྟ་གཡག་སོགས་ཕྱི་རུ་བཅས་ཏེ་ནོར་རྫས་སྲུང་བ། ནང་རྟེན་ནང་དུ་བཅས་ཏེ་བང་མཛོད་སྲུང་བ། ཞར་བྱུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་མཚོན། བྱང་ཆེན་མཆོད་རྟེན། འཕེན་ནག །བ་དན། ཞྭ་ནག །ལྷྭམ་ནག །གོས་ནག །གསང་མདོས། ཕོ་མོའི་གསང་རྟེན། གསང་རྟེན་གསང་བར་བཅས་ཏེ་མཁའ་འགྲོ་འཁུ་ལྡོག་སྤོང་བ། གཞན་ཡང་པུ་ཏྲའི་ཐུན་མོང་མ་ཡིན་པའི་རྟེན། ནོར་སྲུང་གནོད་སྦྱིན་ཕོ་མོའི་ཚུལ་དུ་སྒྲུབ་པའི་རྟེན་དང་བཅས་པ་རྣམས་ཀྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ཚར་