R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༡བ
[A:༤༡༡བ]འཁོར་ལོ་ལྔ་ལ་བརྟེན་ནས་སྒྲུབ་པ་ནང་སྒྲུབ་དང་གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའི་གསང་ཁྲིད་ཡིད་བཞིན་ནོར་བུ། ཁྲིད་མ་ཐོབ་པར་ལུང་མི་གནང་བ་དང་དཀྱུས་གཅིག་ཅིང་། སྦྱར་བྱང་དུ། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙན་བརྒྱུད་ཁོ་ནར་བྱོན་པའི་གསང་ཆེན་འདི། །སྙིང་དབུས་ཆོངས་ལ་ཉམས་ལེན་རྒྱུན་ཏུ་སྐྱོངས། །ཀུན་ལ་མ་སྤེལ་སྣོད་ལྡན་གཅིག་ལ་སྦྱིན། །ཞེས་པ་ལྟར་ཁའུ་པ་ཡབ་སྲས་ཡན་ལ་ཆིག་བརྒྱུད་ཁོ་ནར་བཞུགས་པས་ཀུན་ལ་མ་གྲགས་ཤིང་། དཔྱོད་ལྡན་གྱིས་དཔྱད་ན་རྗེ་བཙུན་གོང་མས་གསུང་རབ་ཀྱི་ཚིག་ཟུར་ལ་ཟབ་གནད་འདི་འདྲ་ཐུགས་ལ་གབ་ནས་ཡོད་པར་ཤེས་ནུས་ཀྱང་། རྗེབཙུན་གྲོལ་མཆོག་སོགས་རྗེས་འབྲངས་མང་པོའི་ཐུགས་སུ་མ་ཆུད་པ་ནི་ཙུ་ཏའི་ཡུལ་གྱི་རྐང་གཉིས་པ་ལྟར་རོ། །མགོར། ཨོཾ་སྭ་སྟི། བདག་གི་བླ་མ་ཚར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཞེས་ཡོད་པའི་ལྷ་བརྒྱད་ཀྱི་རྗེས་གནང་
(a)
ཐུན་མོང་མ་ཡིན་པའི་ཡི་གེ་ཕ་བླ་མའི་བཀའ་གནང་ཐོབ་ནས་བརྗེས་ཐོར་བཀོད་པ་ཤུ་བྷཾ་གྱི་མཐའ་ཅན། མགོར། ཨོཾ་སྭ་སྟི། བདག་ཅག་གི་བླ་མ་ཐམས་ཅད་མཁྱེན་པ་ཚར་པ་ཆོས་ཀྱི་རྒྱལ་པོ་ཞེས་ཡོད་པའི་ལྷ་བཅུ་