R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༢ན
[A:༤༡༢ན]གཉིས་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་བགྱིས་སོའི་མཐའ་ཅན།
འདི་སྙན་བརྒྱུད་པོ་ཏིར་ཡོད་པ་དང་འདྲའམ་སྙམ།
མགོར་བྲན་བདུད་ཀྱི་རྗེས་གནང་ཐུན་མོང་བའི་ཕྱག་ལེན་ནི། ཞེས་ཡོད་པའི་ཟིན་བྲིས་རྗེས་གནང་བཀའ་བརྒྱ་ཅན་ནོའི་མཐའ་ཅན། འདི་གསུམ་རྗེས་གནང་མ་ཐོབ་པར་མི་གནང་བའི་བཀའ་རྒྱ་ཅན། མགོར། ན་མཿཤྲཱི་གུ་རུ་མ་ཧཱ་ཀཱ་ལ་ཡ། དེ་ལ་རྡོ་རྗེ་ནག་པོ་ཆེན་པོའི་བསྙེན་པ་ལ་གསུམ་སྟེ། ཞེས་ཡོད་པའི་
(ཞ)
བསྙེན་པའི་མན་ངག་དཔེ་འདི་མི་ལ་མི་སྟོན་པའི་བཀའ་རྒྱས་བཏབ་ཡོད་ལགས་ཀྱི་མཐའ་ཅན་ཆིག་བརྒྱུད་མའི་གྲས། ༧ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་ཀྱི་མཆོད་པའི་ཆོ་ག་དམ་ཅན་འདུ་བའི་མཆོད་སྤྲིན།
(ཞ)
མི་དབང་མ་ཎི་བྷ་དྲའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བདེ་གསལ་རབ་བརྟན་དུ་བཀོད་པ། བཀའ་སྲུང་ཟངས་གྲི་སྐོར་གསུམ་གྱི་གཏོར་འབུལ་
(ཞ)
སྡེ་སྣོད་རྒྱུད་སྡེ་འཛིན་པའི་དྲུང་པ་བསླབ་གསུམ་པས་བསྐུལ་བར་བརྟེན་ནས་འབྲུག་ལོ་ཟླ་བ་བདུན་པའི་ཉེར་གསུམ་ལ་མཛད་པ། མ་ཧཱ་ཀཱ་ལའི་ཆོས་སྐོར་ཐོབ་པའི་བརྗེད་བྱང་།
(ཞ)
བསམ་འཕེལ་ནོར་བུའི་ཕྲེང་བ་རྣམས་སོ། །