R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༢བ
[A:༤༡༢བ]༧དྲུག་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ་ལ། མགོར། ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པ་ལ་ཐོག་མར་གཞི་སྐྱེ་མེད་དངོས་པོའི་གནས་ཚུལ་ཞེས་ཡོད་པའི་ཡར་ཀླུང་པའི་གུར་མགོན་
(ཞ)
ནང་ཁྲིད་ཀྱི་ཞལ་ཤེས་མཐུ་སྟོབས་ཀྱི་དབང་ཕྱུག་དགོན་གསར་བ་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན་ཟིན་བྲིས་སུ་མཛད་པ་ཧཱུཾ་ལ་སེམས་གཏད་ནས་བསྒོམ་པ་སོགས་སྔར་བཞིན་ནོའི་མཐའ་ཅན་ཆིག་བརྒྱུད་གྲས། གསང་ཁྲིད་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་
(ས)
གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་གིས་བསྐུལ་བ་ལ་བརྟེན་ནས་བླ་མ་མགོན་པོ་དང་བཅས་པ་ལ་གསོལ་བ་བཏབ་ནས་མཛད་པ་དེའི་རྗེས་གནང་དང་ལུང་མ་ཐོབ་པ་ལ་རྣ་བའི་ལམ་ཙམ་དུ་ཡང་མི་སྒྲོག་པའི་རྒྱ་ཅན། དྲི་ཆུ་ལ་བརྟེན་པའི་རིམས་སྲུང་མི་འདྲ་བ་རྣམས་ཀྱི་ནང་ནས་
(ཞ)
ཕ་བླ་མ་བསླབ་གསུམ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་ཐུགས་རྩིགས་སུ་གནང་བ་ཟིན་བྲིས་སུ་བཀོད་པ། ༧མགོན་པོ་ཁྲོ་བཅུའི་བརྒྱུད་འདེབས་བདུད་ལས་རྣམ་པར་རྒྱལ་བ།
(ཞ)
རིགས་བརྒྱའི་མཁྱེན་བརྩེ་མ་མི་དབང་ཚེ་དབང་དོན་གྲུབ་ཀྱི་བསྐུལ་ནས་ཞྭ་ལུ་རི་སྦུག་ཏུ་མཛད་པ། ཡང་རྗེ་བསླབ་གསུམ་