R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༣བ
[A:༤༡༣བ]པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་
(ངག)
བླ་མ་གོང་མའི་རྗེས་གནང་གི་ཡི་གེ་རྙིང་པ་
(ངག)
ལས་ཚིགས་སྣ་བསྲིང་སྟེ་རྒྱས་སུ་བཏང་བ། ༧ཟངས་གྲི་ཅན་སྐོར་གསུམ་གྱི་རྗེས་གནང་གི་ཟུར་འདེབས་
(ངག)
རྗེ་བླ་མ་དབང་ཕྱུག་རབ་བརྟན་གྱི་ཕྱག་བཞེས་རང་གི་ཡིད་ལ་གང་ཟིན་ཙམ་ཞིག་ཕྱག་ལེན་ཟིན་བྲིས་སུ་བཀོད་པ། འདི་གཉིས་རྗེས་གནང་མ་ཐོབ་པ་ལ་མི་གནང་བའི་བཀའ་བརྒྱ་ཅན། ༧མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན་ཕྱི་སྲུང་བའི་འཁོར་ལོ་ལ་བརྟེན་ནས་སྒྲུབ་པའི་བྲག་རྫོང་གི་ཁྲིད་ཀྱི་ཡི་གེ་འདོད་རྒུའི་དཔལ་སྟེར་
(ངག)
ཚ་ལུང་དགོན་པར་ཤིང་རྟའི་ལོར་ཟིན་བྲིས་སུ་མཛད་པ། ༧རིན་པོ་ཆེ་ཏ་ར་བ་ནས་ནང་གི་བྲག་རྫོང་མའི་ཁྲིད་
(ངག)
རྒྱ་འདྲེ་ཚར་བཅད་པའི་ལོ་རྒྱུས་ཀྱང་གནང་བས་ཤིན་ཏུ་ཟབ་གསུངས་སོའི་མཐའ་ཅན། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་གྱི་ཁྲིད་
(ངག)
རིགས་སྔགས་འཆང་བའི་གཙུག་རྒྱན་བསོད་ནམས་ཆོས་འཕེལ་གྱི་གསུང་ཚ་ལུང་དགོན་པར་ཟིན་བྲིས་སུ་མཛད་པ། ནག་པོ་ཆེན་པོའི་གསང་ཁྲིད་ཀྱི་ཡི་གེ་རིན་པོ་ཆེ་ཏ་ར་བའི་གསུང་སྒྲོས་ཡིད་བཞིན་ནོར་བུ་