R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༤ན
[A:༤༡༤ན]སྟེ་
(ངག)
བླ་མའི་བཞུགས་གནས་ཚ་ལུང་དགོན་པར་ཟིན་བྲིས་སུ་ཟླ་བ་དགུ་པའི་ཉེར་གསུམ་གྱི་ཉིན་རྫོགས་པར་གྲུབ་པ་རྣམས་ཉམས་ཁྲིད་མ་ཐོབ་པར་མི་གནང་བ་ཕྱག་ལེན་གྱི་རྒྱུན་ཡིན་ནོ། ། ༧ བརྒྱད་པ་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པ་ལ། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད་ཀྱི་ཉམས་ལེན་
(ལོ)
རྗེ་བླ་མ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་དཔལ་ལྡན་ས་སྐྱའི་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ། བྲག་རྫོང་མའི་སྔགས་པ་ནང་རྒྱས་ཀྱི་མན་ངག་གི་ཞལ་ཤེས་ལུས་དབྲལ་བ། སྟོབས་གཞོམས་པ། རྣམ་ཤེས་སྤོར་བ་གསུམ་གྱི་གདམས་པ་ཁྱད་པར་ཅན།
(ལོ)
སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་འཇམ་དབྱངས་གདུང་བརྒྱུད་ལ་ཡབ་ཆོས་ཕུལ་བའི་ཚེ་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ།
འདི་དང་དབྱིབས་འདྲ་བ་ཞིག་ཚར་ཆེན་དང་མཁྱེན་བརྩེས་མཛད་པ་དེང་སང་ལུང་རྒྱུན་ཆད་འདུག་པ་འདི་ཉིད་མཁོ་བར་སྣང་ངོ་།།
ཡི་གེ་གཉིས་ཀ་ཆིག་བརྒྱུད་ཀྱི་གྲས། ༧ དགུ་པ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་