R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༤བ
[A:༤༡༤བ]མཛད་པ་ནི། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐུ་རྟེན་བཞེངས་ཚུལ་དང་ཁྱད་པར་གྱི་རབ་གནས་བྱ་ཚུལ་
(འ)
གསལ་བའི་མི་ལོང་ཆིག་བརྒྱུད་མ། ༧བཅུ་པ་ཁྱབ་བདག་ཞྭ་ལུ་པས་མཛད་པའི། བྲག་རྫོང་མའི་རྫས་ཟློག །ལས་ཀྱི་མཚོན་ཆ། ཚད་མེད་བཞི། ལྕེ་བྱིན་རླབས། བཟླས་པ། སྐྱབས་ཡུལ། དགྲ་བགེགས་ཀྱི་ས་བོན། ཐལ་རྡེབ། འཁོར་ལོ་འཁོར་ལུགས། ཐུན་བསྡུ་བ། ཟློག་པའི་སྐུའི་ཚད་རྣམས་ཀྱི་ཞལ་ཤེས་རྣམས་ཀྱང་ཆིག་བརྒྱུད་མའོ། ། ༧ བཅུ་གཅིག་པ་རྨོར་ཆེན་རྡོ་རྗེ་འཆང་གིས་མཛད་པ་ནི། གུར་གྱི་མགོན་པོ་ཁྲོ་བོ་བཅུ་གཅིག་གི་གཏོར་ཟློག་ཤིན་ཏུ་གསལ་བ། ༧བཅུ་གཉིས་པ་ཁའུ་བྲག་རྫོང་པའི་ཕྱག་ལེན་དུ་མཛད་པའི་བསྟོད་འབུམ་ལ། སྲིན་གཟུགས་མའི་ཤློ་ཀ་གསུམ་
འདི་ཡན་མེ་འབར་ཡང་ཡོད་དོ། ། ༈ རྫོང་ཁ་བས་རྒྱུད་ནས་ཕྱུང་གསུངས་ཀྱང་ལྷག་བསམ་རབ་དཀར་གྱི་དྲིས་ལན་ཏུ་བོད་དམར་ཞེས་པས་དཔྱད་དོ། །
མགོར་ཡོད་པའི་དཔལ་ལྡན་མགོན་པོ་མ་
(མུ)
འཕགས་པས་མཛད་པ། ༧ཨེ་ཀ་ཛཱ་ཊིའི་བསྟོད་པ་ཀུན་བཟང་མ། ལྷ་མོའི་བསྟོད་པ་