R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༥བ
[A:༤༡༥བ]
འབར་ཁ་སྐོང་གཉིས་ཀ་ན་ཡོད། དཔལ་ལྡན་དབང་ལྡན་མའི་ཤློ་ཀ་གཅིག་བཅུག་པ་མ་གཏོགས་ཁ་སྐོང་བསྟོད་པ་འབུམ་དང་ཞབས་བཏགས་མར་ཡང་ཡོད།
བསྐུལ་མགོན་པོ་མ་ཧཱ་ཀཱ་ལ་རྣམས། གཞན་ཡང་ཁྲོ་བོ་བཅུའི་ཕྲིན་ལས་བསྐུལ་བ་མཁའ་དབྱིངས་ངག་ཀློང་མ། ས་རྟ་རྒྱལ་ཟླ་ཕོ་བྲང་དུ་འཕགས་པ་རིན་པོ་ཆེས་མཛད་པ། ཁྲོ་བོ་བཅུ་གཅིག་གི་གཏོར་འབུལ་དང་བསྟོད་པ་སེར་སྣ་རྣམ་དག་མ་མཁན་ཆེན་གནས་དྲུག་པས་རྒྱུད་ལས་ཕྱུང་བ། ཡང་དེས་རྒྱུད་ལས་ཕྱུང་བའི་བསྐུལ། བྱང་ཆུབ་སེམས་བསྐྱེད་མ། དེས་མཛད་པའི་བསྟོད་པ། མེ་སྟག་ཐིམ་གྱུར་མ་རྣམས་ཀྱང་ཐོབ་བོ།། །། ༈ རྩ་བའི་གསུམ་པ་བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པུ་སྟིའི་སྐོར་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཁོག་ཕུབ་ཡི་གེའི་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག །༧དེ་ལས་བྱུང་བའི་ཆོས་སྐོར་ལ། སྔོན་དུ་འགྲོ་བ་ལོ་རྒྱུས་ཀྱི་ཡི་གེ །སྣོད་རུང་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ །རྩ་བར་གྱུར་པ་རྒྱུད་ཀྱི་ཡི་གེ ། ཉམས་སུ་ལེན་པ་སྒྲུབ་ཐབས་ཀྱི་ཡི་གེ །དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་དང་ལྔ། དང་པོ་ལ། མགོར བླ་མ་