R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༦ན
[A:༤༡༦ན]དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ནག་པོ་ཆེན་པོའི་སྐྱེ་རྒྱུད་ནི། ཞེས་པའི་ཡིག་རྙིང་
(࿄)
གུར་མགོན་གྱི་སྐྱེ་བརྒྱུད་རྫོགས་སོའི་མཐའ་ཅན། མགོར། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། དེ་ལ་སྔོན་གྱི་དུས་ན་རྒྱལ་བུ་གཅིག་དང་བློན་པོའི་བུ་གཅིག་གི །ཞེས་ཡོད་པའི་
(࿅)
ལྷ་དངོས་ཀྱི་ལོ་རྒྱུས་དང་བྲམ་ཟེ་མཆོག་སྲེད་སོགས་བརྒྱུད་པའི་བླ་མ་སྟོན་པའི་ཡི་གེ་དགེ་སློང་དྷརྨ་གཟི་བརྗིད་གནང་བ་ལགས་སོའི་མཐའ་ཅན།
རྫོང་ཆུང་པ་དམ་པས་མཛད་པའི་ལྕམ་དྲལ་གཉིས་ཀའི་ལོ་རྒྱུས་འདྲེན་པས་མཚོན་ཏེ། རྒྱུད་སྒྲུབ་ཐབས་བསྟོད་པ་ཐམས་ཅད་དུ་ལྷ་མོའི་རྣམ་བཞག་མཛད་ཀྱང་ལུགས་འདི་ལ་ལྷ་མོའི་འཕྲོས་མེད་པས་འཐད་པར་མ་མངོན་ཞིང་ཀུན་མཁྱེན་རྡོ་རྗེ་གདན་པ་དང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གཉིས་ཀྱིས་ཀྱང་མི་བཞེད་དོ།།
འདི་དྷརྨ་གཟི་བརྗིད་ཀྱིས་མཛད་ཅེས་དཀར་ཆག་ན་འདུག་གོ ། ༧ གཉིས་པ་སྣོད་རུང་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ་ལ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་
(࿅)
(མུ)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ལ་ལི་ཏ་བཛྲ་དང་བོད་ཀྱི་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ།
རྡོ་རྗེ་གདན་པ་གཅིག་ལྷ་སྔགས་དང་། གཅིག་བཅུ་བདུན་མའི་དབང་ཆོག་ཡིན་པར་བཞེད་པ་གསན་