R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༦བ
[A:༤༡༦བ]
ཡིག་དང་ཕྱག་ལེན་གཉིས་ཀར་འདུག་པ་ལས་བརྗོད་དོན་ལྷག་པོ་མི་འདུག་པས་དཔྱད་དགོས་པར་སྣང་ངོ་།།
འདི་དང་ཚིག་སྣ་རིང་ཐུང་ཅུང་ཟད་ཡོད་པའི་མཆན་བུ་དང་བཅས་པ་ནག་པོ་རོ་འཛིན་གྱི་ལྗང་གིས་བསྒྱུར་བ། དགའ་ལྡན་པ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དབང་ཆོག །ལ་ལི་ཏ་བཛྲ་འདི་ཕལ་ཆེར་དུར་ཁྲོད་རྣམས་སུ་བཞུགས་པས་མཚན་དུར་ཁྲོད་ནག་པོ་རོ་འཛིན་དུ་གྲགས་ཞེས་ཁོག་ཕུབ་དང་། རྡོ་རྗེ་གདན་པའི་གསན་ཡིག་ཏུ་སྣང་ནའང་། དབང་ཆོག་འདྲ་མིན་གཉིས་བྱུང་བའི་སྔོན་མར་ལ་ལི་ཏ་དང་། ཕྱི་མ་ལ་ནག་པོ་རོ་འཛིན་ཞེས་སོ་སོར་བྱུང་བ་དང་། འབྱུང་ཁུང་བསྡུས་དོན་ལ་མི་གཅིག་པར་བཤད་ཅིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་སོ་སོར་སྣང་བས་བརྟག་དགོས་འདུག་གོ ། མགོར། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་འདི་ལ་དོན་གསུམ་སྟེ། ཞེས་ཡོད་པའི་དབང་ཆོག་
(࿅)
རྒྱ་གཞུང་གི་ས་བཅད་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྫོགས་སོའི་མཐའ་ཅན། དྷརྨ་གཟི་བརྗིད་ཀྱིས་མཛད་པ། ༧མགོར། ཡེ་ཤེས་མགོན་པོའི་དབང་བསྐུར་བའི་རྗེས་ལ་ཞེས་ཡོད་པའི་བྲན་བདུད་རྗེས་གནང་
(མུ)
གི་ཟུར་འདེབས་ཀྱི་ཡི་གེ་ལས་མགོན་གྱི་རྗེས་གནང་རྫོགས་སོའི་མཐའ་ཅན་རྣམས་