[A:༤༡བ]གསུང་ངག་རིན་པོ་ཆེའི་བརྗོད་བྱའི་སྙིང་པོ་མཐའ་དག་བསྡུས་པ་བརྡ་དོན་གསལ་བའི་བྱིན་རླབས་པཎ་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ། ཆོས་འཕགས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། དེ་ལས་བླ་མ་དམ་པ་དང་། རི་ཁྲོད་པ་གཉིས། གཉིས་ཀ་ལས་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། དེ་གཉིས་ཀ་ལས་རྒྱལ་ཚབ་དམ་པ། དེ་ལས་ཡོངས་འཛིན་དང་། མུས་ཆེན་སངས་རྒྱས་རིན་ཆེན་གཉིས། གཉིས་ཀ་ལས་ས་ལོ་དང་། དཀོན་ལྷུན་གཉིས། གཉིས་ཀ་ལས་སྤྱན་སྔ་དཀོན་མཆོག་རྒྱ་མཚོ། དེ་ནས་མུས་པ་སངས་རྒྱལ་མཚན། འཇམ་མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག །
ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ་མན་གོང་རྣམ་འཇོམས་བིར་ལུགས་ལྟར་རོ། །ཡང་ན། མུས་ཆེན། བདག་ཆེན། རྡོ་རིང་། ཚར་ཆེན། ཀླུ་སྒྲུབ། ངག་ཆོས། ཨ་མེས་ཞབས་མན་འདྲའོ། །
བརྡ་དོན་གསལ་བའི་ཁྲིད་བདག་ཆེན་གྱི་ཡིག་