[A:༤༢ན]སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ས་ཆེན། གྲགས་རྒྱལ། ས་པཎ། ལུང་ཕུ་བ། གཞོན་ནུ་དོན་གྲུབ། བྱང་ཤེར། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས་མན་ལམ་སྦས་བཤད་ཀྱི་ཁྲིད་བརྒྱུད་དང་འདྲའོ། །
དབང་བཞིའི་བརྡ་ཆིག་བརྒྱུད་དུ་བསྩལ་བའི་བྱིན་རླབས་མཁན་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་ཡན་གསུང་ངག་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་རི་ཁྲོད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་མན་སློབ་བཤད་ཐུན་མོང་མ་ཡིན་པའི་བརྒྱུད་པ་ལྟར་རོ། །
༈ གདམས་ངག་རྫོགས་པའི་ཚེ། སྒྲུབ་པ་ལུང་སྦྱིན་གྱི་རླབས་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། གོང་སྨོས་ལྟར་སློབ་བཤད་བཀའ་བབས་གསུམ་ལས་བརྒྱུད་པ་དང་པོ་གཉིས་དང་འདྲ་ལ། བརྒྱུད་པའི་ཁྱད་པར་གཞན་ཡང་། ངོར་ཆེན་ནས། རྒྱལ་ཚབ་དམ་པ། ཡོངས་འཛིན། དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་