R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༨བ
[A:༤༡༨བ]བུའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། ༧མགོར་སྐད་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྟན་པ་གནས་པར་བྱ་བའི་ཕྱིར། །ནག་པོ་ཆེན་པོའི་ཕུར་བུ་སྒྲུབ། །ཅེས་ཡོད་པའི། ནག་པོ་ཆེན་པོའི་སྲོག་ཕུར་གྱི་ཡི་གེའམ་ཕུར་བུ་གདབ་པ་
(࿄)
(࿅)
(མུ)
སྲོག་ཕུར་དང་བཅས་པའི་སྒྲུབ་ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱི་མཛད་པ།
མེ་འབར་མར་འདི་དང་ཕལ་ཆེར་ཞུ་དག་ཕེར་བ་ལ་མགོར་སྐད་ཤན་སྦྱར་མེད་པ་སོགས་མི་མཐུན་པ་ཁ་ཤས་ཡོད་ཅིང་། དེ་ཡང་དཀར་ཆག་ཏུ་ཕུར་བུའི་སྒྲུབ་པའི་ཁོངས་སུ་འདྲེན་པ་ལས་ལོགས་སུ་མི་སྣང་། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཕྱག་དཔེར་འོག་ནས་ཡིག་ཕྲེང་གཉིས་ཙམ་མི་གཅིག་དེ་ཕྱིན་མེ་འབར་མའི་དེ་དང་ཞུ་དག་ཕེར་བ་ཞིག་འདུག །
༧མགོར། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་ཕུར་བུའི་སྒྲུབ་ཐབས་ཀྱི་རིམ་པ་གཟའ་སྐར་དྲག་པོ་ལ་ཞེས་ཡོད་པའི་
(࿄)
(མུ)
མགོན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་
མེ་འབར་མར་ཡང་བཞུགས།
གསལ་བྱེད་ས་ཆེན་གྱིས་མཛད་པ་བླ་མའི་གསུང་བཞིན་བྲིས་པ་ས་མཱཔྟ་མི་ཐིའི་མཐའ་ཅན། ༧ མགོར་སྐད་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྐུ་ལ་བསྡོ་བྱེད་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །