[A:༤༡༩ན]ཞེས་ཡོད་པའི་
(࿄)
(མུ)
ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། འདི་གཉིས་མེ་འབར་མར་ཡོད་ཀྱང་སྒྲུབ་ཐབས་དངོས་གཞི་རྒྱ་གཞུང་གི་སྟེངས་སུ་སྐུ་སྨད་ཕུར་བུའི་གསལ་ཁ་གང་ན་མི་འདུག་པས་དེ་དང་མི་གཅིག་པའི་སྒྲུབ་ཐབས་ཟུར་པ་ཞིག་ཡོད་མེད་དཔྱད།
༧མགོར། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་སྲོག་གི་སྤུ་གྲི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གོང་གི་གསལ་བྱེད་ (࿄)
(མུ)
བརྩེ་བ་ཆེན་པོས་མཛད་པའི་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ས་མཱཔྟ་མི་ཐིའི་མཐའ་ཅན། འདི་ལ་རྫོང་ཆུང་པ་དགེ་སློང་ཤྲཱི་བྷ་དྲས་མཛད་པ་ལ་ས་ཆེན་གྱི་མཛད་བྱང་སྦྱར་གསུངས་པར་ཤྲཱིབྷ་དྲ་ཞེས་པའི་གང་ཟག་སུ་ཡིན་འཆད་རྒྱུར་རང་གཞན་གཉིས་ཀར་ངོས་འཛིན་རྒྱུ་མ་བྱུང་ཞེས་རྡོ་རྗེ་འཆང་ཚར་པས་གསུངས།
༧མགོར་སྐད་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུའི་འཇིགས་བྱེད་འཕྲོས། །ཞེས་ཡོད་པའི་སྒྲུབ་ཐབས་རྒྱས་པ་གང་ཟག་དབང་པོ་འབྲིང་གི་ ཁོག་དབུབ་དང་བརྗེད་བྱང་ལ་དཔགས་ན་འབྲིང་དུ་འདྲེན་རིགས་ཀྱང་དཀར་ཆག་བཞིན་བཀོད་པའོ།།
དབང་དུ་བྱས་ནས་ལས་ཀྱི་གཤིན་རྗེ་ཕོ་མོ་བཅུ་དྲུག་ལུས་ལ་བཀོད་དེ་བསྒོམ་པའི་སྒྲུབ་ཐབས་ (མུ)
གསང་བ་ཞེས་བྱ་བ་གསང་སྒྲུབ་བམ་ཕྲིན་ལས་གསང་བའི་སྒྲུབ་