R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༡༩བ
[A:༤༡༩བ]ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཨཱ་ཙརྱ་རཱ་ཧུ་ལ་དམར་པོའི་གདམས་ངག་བླ་མ་གྱི་ལྗང་གིས་བསྒྱུར་བ། ༧མགོར་སྐད་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། བླ་མ་ལ་གུས་སྡོམ་པ་སྲུང་། །ཞེས་ཡོད་པའི་དབང་པོ་ཐ་མ་ལ་སྤྲོས་པ་ལ་དགའ་བའི་ཆེད་དུ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྒོམ་པ་དུར་ཁྲོད་ནག་པོ་དངོས་བསྟན་གྱི་སྒྲུབ་ཐབས་
(࿅)
(མུ)
རྒྱས་པ་ནང་སྒྲུབ་ཏུ་གྲགས་པ་ནག་པོ་ཆེན་པོའི་ཁྱད་པར་གྱི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱི་མཛད་པ་ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ།
འདི་ལ་བསྙེན་པའི་ཚུལ་དུ་སྒྲུབ་པ། བཟོད་པའི་མན་ངག་ལས་སྦྱོར་གྱི་ཚུལ་དུ་ཉམས་སུ་བླངས་པ་ཡོད་ཅེས་དཀར་ཆག་ཏུ་གསུངས་པ་ལྟར་དོན་ལ་ཚང་ཞིང་གསལ་བ་འོག་གི་བླ་མའི་ཞལ་སྔ་ནས་ཀྱིས་གདམས་པར་འདུག་གོ།
༧མགོར། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་དཔལ་མགོན་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་དྲག་བྱེད་ཀྱི་ཚུལ་དུ་ཞེས་ཡོད་པའི་
(࿅)
གོང་གི་བསྡུས་དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ་ལས་གཞན་བྱ་བར་བསྟན་པའོའི་མཐའ་ཅན། དེས་མཛད་པའི་མགོར། ཨོཾ་སཱ་སྟི། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་སྐུར་དམ་ཚིག་སྡོམ་ལ་གནས། །ཞེས་ཡོད་པའི་དཔལ་ནག་པོ་