R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༠བ
[A:༤༢༠བ]
ཡིན་པས་འཆོལ་པར་མི་སྟེན་པའི་བཀའ་རྒྱ་དམ་པ་དཀར་ཆག་ཏུ་གསལ་བར་འདུག་གོ།
ལུགས་སྲོལ་འདི་ཉིད་ཀྱི་སྙིང་པོར་གྱུར་པ་ནག་པོ་ཆེན་པོ་གཤིན་རྗེ་ལྟར་སྒྲུབ་པའི་སྒྲུབ་ཐབས་
(࿄)
(འཁོར་ལོ)
དགོས་འདོད་འབྱུང་བའི་གཏེར་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་སྒ་ཨ་ཉན་དམ་པ་ཀུན་དགའ་གྲགས་ཀྱི་མཛད་པ། དེ་དག་ལ་ཉེ་བར་མཁོ་བའི་ཆ་ལག་མགོར། བླ་མ་རྣམས་ལ་ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་ཞིང་མངའ་མཛད་པ། །ཞེས་ཡོད་པའི་ནག་པོ་ཆེན་པོ་ལྷ་བཅུ་བདུན་མའི་མངོན་པར་རྟོགས་པ་རྟགས་བྱུང་ནས་རྟག་གཏོར་ཀྱང་བཏང་ངོའི་མཐའ་ཅན། ༧མགོན་པོའི་ཕྲིན་ལས་
(མུ)
བཀའ་གསང་རྨད་བྱུང་མ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བའོའི་མཐའ་ཅན། ༧མགོར། འཐུངས་ཤིག་འཐུངས་ཤིག་རྡོ་རྗེའི་ཆུ། །ཞེས་ཡོད་པའི་
(མུ)
ནག་པོ་ཆེན་པོའི་མཆོད་ཕྲེང་། ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་མཐའ་ཅན། ༧མགོར་སྐད་ཤན་སྦྱར་ཡོད་པའི་ནག་པོ་ཆེན་པོའི་གཏོར་མའི་ཆོ་ག་
(࿅)
སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་