R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༡ན
[A:༤༢༡ན]མཛད་པ་དཔལ་སྒེག་པའི་རྡོ་རྗེ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། ༧མགོར། གཏོར་མའི་ཆོ་ག་འདི་ལ་གསུམ་སྟེ། ཞེས་ཡོད་པའི་
(࿅)
གོང་གི་བསྡུས་དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ། ༧མགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྡན་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ལག་ཏུ་བྱུང་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན།
(མུ)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཞར་བྱུང་མདོ་ལྷའི་བསྟོད་པ་གསང་གསུམ་མ་དང་བཅས་པ། མགོར་སྦྱིན་སྲེག་གི་ཆོ་ག་འདི་ལ་དོན་གསུམ་སྟེ་ཞེས་ཡོད་པའི་
(࿅)
གོང་གི་བསྡུས་དོན་དྷརྨ་གཟི་བརྗིད་ཀྱི་མཛད་པ། དེས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག ། དཔལ་ནག་པོ་ཆེན་པོའི་བསྟོད་པའི་ཕྲེང་བ་
(࿄)
(࿅)
(མུ)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལི་ཏ་དང་གྱི་ལྗང་གིས་བསྒྱུར་བ།
ཁ་སྐོང་བསྟོད་འབུམ་དང་ཞབས་བཏགས་མར་ཡང་ཡོད་ལ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཞལ་གཟིགས་མའི་བསྟོད་པ་རྣམས་གསུང་འདུག །པཎྜི་ཏ་སྙིང་ཁྲག་ཅན་དང་གྱི་ལྗང་གིས་བསྒྱུར་བའི་མགོན་པོའི་བསྟོད་པ་རྣམས་ལ་དགོངས་འདྲ་བ་བརྒྱུད་པ་སོ་སོར་བགྲང་ཕྱིར་སྒྱུར་བྱེད་ཀྱི་སྐབས་ནས་གྲངས་ཀྱང་མི་འགལ་ལོ།
༧ཡང་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བའི་དཔལ་ནག་པོ་ཆེན་པོ་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་
(࿄)
(࿅)
སྔོན་ཚེ་