R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༣བ
[A:༤༢༣བ]རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་
(མུ)
དཀར་ཆག་
འདིར་དཔེ་མ་འབྱོར་བས་ལུང་མ་ཐོབ་ཀྱང་ཁ་སྐོང་གླེགས་བམ་ནང་གི་དེ་ཡིན་ནམ་དཔྱད།
འཇམ་དབྱངས་མཁྱེན་བརྩེས་དཔལ་བདེ་གསལ་གྱི་མགོན་ཁང་དུ་མཛད་པའི་
(ཞ)
བརྒྱུད་འདེབས་ཁྱབ་བདག་སྐུ་བཞི་མ། ༧མགོར། བླ་མ་ལ་ན་མོ། ནག་པོ་ཆེན་པོའི་དབང་བསྐུར་བ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཞེས་ཡོད་པའི་མགོན་པོ་ལྷ་བཅུ་བདུན་མའི་དབང་གི་ཐོ་ཡིག །
(࿄)
རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་བླ་མའི་ཕྱག་བཞེས་བཞིན་བྲིས་སོའི་མཐའ་ཅན། དེས་མཛད་པའི་མགོར། དཔལ་རྡོ་རྗེ་འཆང་དབང་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞེས་ཡོད་པའི་གྱི་ལྗང་ལུགས་ཀྱི་དབང་གི་ལག་ལེན་
(࿄)
ཉི་ཤུ་དགུའི་དགུང་མོ་བཀའ་གནང་བ་ཤིན་ཏུ་གལ་ཆེ། གསུངས་པའི་མཐའ་ཅན། ༧མགོན་པོ་ལྷ་བཅུ་བདུན་མའི་སྒྲུབ་ཡིག་པཎ་ཆེན་བྱམས་པ་གླིང་པས་མཛད་པ་རྣམས་ལེགས་པར་ཐོབ་བོ།། །། ༈ བདུན་པ་འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་ལ། དེ་ཡང་དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ལ་རྗེ་ཁོལ་