R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༣ན
[A:༤༢༣ན]བརྒྱུད་དུ་གནང་བ་ཡང་ཕྱག་ལེན་མའོ། ། ༧གསུམ་པ་ལས་སྦྱོར་འཐོར་བུའི་ཡི་གེ་ལ། དཔལ་ནག་པོ་ཆེན་པོ་དང་ལས་བྱེད་རྡོ་རྗེ་མོང་སྤྲུ་ཅན་གྱི་སྒོ་ནས་སེར་བ་དབབ་པའི་ཡི་གེ་མགོན་པོའི་སེར་བ་རྫོགས་བྱང་གི་མཐའ་ཅན། ༧མགོར་གཞན་ཡང་སེར་བ་དབབ་པ་དང་། །ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཟེར་བ་ཡོད་པའི་གོང་གི་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་གཞུང་ན་གསལ་ལོའི་མཐའ་ཅན། ༧མགོར། གཞན་ཡང་མན་ངག་འདི་ལྟ་སྟེ། །ཞེས་ཡོད་པའི་རྦོད་གཏོང་བཟློག་པའི་མན་ངག །མཐར་ནི་བྱང་ཤར་མཚམས་སུ་མནན། །ཞེས་པའི་མཐའ་ཅན། ༧ནག་པོ་ཆེན་པོའི་རྒྱུད་ལས་རྡོ་རྗེའི་ཚིག་ཏུ་སྦས་ནས་གསུངས་པའི་མན་ངག་བརྒྱད་
(࿅)
(མུ)
བཅས་པ་དྲེགས་བྱེད་ཐམས་ཅད་གནོན་པར་བྱེད་པ། བགེགས་ཐམས་ཅད་བརླགས་པར་བྱེད་པ། ཆར་དབབ་པ། ཆར་གཅོད་པ། ཡི་དྭགས་བསྐྲད་པ། ཕྱག་རྒྱ་མ་འགུགས་པ། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ། རིགས་སྔགས་རྦོད་གཏོང་གཅོད་པ་རྣམས་སོ། ། ༧ལྔ་པ་དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་ལ་