R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༨བ
[A:༤༢༨བ]ཕྱུག་བིརྺ་པ་ནས་བརྒྱུད་པའི་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་རྗེས་གནང་ངག་དབང་ཆོས་གྲགས་ཀྱི་ཡི་གེའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་གསུང་ངག་ལྟར་དང་། དེ་ནས་མུས་ཆེན་དཀོན་མཆོག་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྡོ་རིངས་པ། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ་པ། དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། ཡབ་རྗེ་བཀྲ་ཤིས་རིན་ཆེན། ངག་དབང་འཇིགས་མེད་དབང་རྒྱལ། སྐྱབས་མཆོག་དྲག་ཤུལ་ཕྲིན་ལས་རིན་ཆེན། བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ཡང་ན། ངོར་ལུགས་ཚོགས་བཤད་ལྟར་ན་སོགས་གསན་ཡིག་གོང་མ་རྣམས་ལྟར་རོ། །འདིའི་སྒྲུབ་སྐོར་ཁ་སྐོང་པོ་ཏིའི་མཆོད་རྟེན་དང་ཨེ་རྟགས་ཅན་གྱི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཡན་རྗེས་གནང་བཞིན་ལ། དེ་ནས། མུས་ཆེན། མཁྱེན་རབ་རིན་ཆེན་མཆོག་གྲུབ།