R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༨ན
[A:༤༢༨ན]
དང་པོད་གཞུང་ན་ཟོར་པྲ་དང་། ཟོར་མན་ན་ཞེས་པ་སྣང་།
མ་མོའི་གཙོ་བོ་མ། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་སོལ་མའི་ཕྲིན་ལས་ཀྱི་ལས་བྱང་རྒྱས་པ་ཌཱཀི་མའི་ཐུགས་ཀྱི་ཟེའུ་འབྲུ་དབྱེ་བར་བྱེད་པའི་མན་ངག་རྒྱ་མཚོ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སྔགས་འཆང་ཨཱ་ནནྡ་དྷྭ་ཛ་དང་བཙུན་པ་ཀྱེ་རྡོ་རྗེ་ཤྲཱི་བཛྲ་གཉིས་ཀྱི་ངན་རྟོགས་སྤངས་ནས་རྒྱུད་སྒྲུབ་ཐབས་རྣམས་དང་།
དཀར་ཆག་དང་པོད་གཞུང་དུ་འདི་གཤམ་ལྷ་མོའི་ཇ་གླིང་ཞེས་པ་དང་། མཁན་ཆེན་གནས་དྲུག་པས་མཛད་པའི་སྒྲུབ་ཡིག་བཅས་འདུག་པ་འདི་རྣམས་སྔ་མོ་ནས་གསན་ཡིག་ལ་མི་གསལ་བས་ལུགས་གང་ཡིན་བརྟག་དགོས་པ་འདུག །
མཐུན་པར་བསྒྲིགས་པ་དང་བཅས་པ་རྣམས་ཀྱི་སྨིན་གྲོལ་རྗེས་གནང་ཉམས་ཁྲིད་ལུང་མན་ངག་ཕྱག་བཞེས་དང་བཅས་པའི་སྒོ་ནས་ལེགས་པར་ཐོབ། ༈ དེ་ནས་དེ་དག་གི་བརྒྱུད་པའི་རྣམ་གྲངས་ལ་བཀའ་བབས་བཞི་ལས། དང་པོ་དང་། གཉིས་པ། བཞི་པ་རྣམས་ལ་ཕོ་རྐྱང་གི་རྗེས་གནང་སྒྲུབ་ཐབས་ཕྲན་བུ་ལས་མི་སྣང་བར་རྟོགས་བདེ་བའི་ཕྱིར་སྔོན་དུ་བརྗོད་ནས། བཀའ་བབས་གསུམ་པ་མལ་ལུགས་ནི་ཆོས་སྐོར་ཟབ་ལ་རྒྱ་ཆེ་བའི་ཕྱིར་འོག་ཏུ་འགོད་རྒྱུ་བཅས་ཀྱི་རྒྱུ་མཚན་དེས་ན། ཐོག་མར་བཀའ་བབས་དང་པོ་རྣལ་འབྱོར་དབང་