R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༠ན
[A:༤༣༠ན]རྒྱས་དཔལ་བཟང་། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིངས་པ། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ་པ། དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། ངག་ལྷུན། ཀུན་ལྷུན། གནས་གསར་བ། ས་ཆེན་ཀུན་བློ། ཟུར་འཆད་པ་རིན་རྒྱལ། གྲུབ་བརྙེས་བྱམས་བསྟན། ལྔ་རིག་ཀུན་བཀྲས། ཡབ་རྗེ་ཀུན་རིན། རྡོ་རྗེ་རིན་ཆེན། གཟིམས་འོག་བསྟན་འཛིན་སྙན་གྲགས། ངག་དབང་ཀླུ་གྲུབ། བླ་མ་ཆོས་ཉིད། གཟིམས་འོག་པ་བྱམས་པ་ཀུན་དགའ་བསྟན་འཛིན། དྲིན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལའོ། ། ༈ བཀའ་བབས་བཞི་པ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་སྤུ་གྲི་སྐོར་གསུམ་དང་ལྷན་ཅིག་པའི་མཆོད་རྟེན་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད་ནས་རིམ་པར། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། ས་པཎྜི་ཏ། དགེ་སློང་ཟླ་བ་རྒྱལ་མཚན། བླ་མ་ཁམས་པ། རི་པ་དགེ་ཚུལ། ར་མ་དཔལ། རིམ་བཞིན་ཡབ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ནས། ལྔ་རིག་ཀུན་བཀྲས་