R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༠བ
[A:༤༣༠བ]མན་འོག་ཚར་ལུགས་ཞལ་ངོ་ནང་བརྒྱུད་བཞིན་ནོ། །
(ཨེ)
རྟགས་ཅན་གྱི་ལུང་བརྒྱུད་ནི། དར་མ་དཔལ་ནས་རིམ་བཞིན། ངོར་ཆེན་རྡོ་རྗེ་འཆང་མན་གོང་ངོར་ལུགས་བཞིན་ནོ། ། ༈ བཀའ་བབས་གསུམ་པ་བླ་མ་མལ་ལོ་རྩ་བ་ནས་བརྒྱུད་པའི་སྐོར་ལ་དབང་། རྗེས་གནང་། ཉམས་ཁྲིད་མན་ངག་ལུང་གི་བརྒྱུད་པ་དང་བཞི་ཡོད་པ་ལས། དང་པོའི་བརྒྱུད་པ་གོང་དུ་བསྟན་ཟིན། གཉིས་པ་རྗེས་གནང་གི་སྐོར་ལ། ཐོག་མར། སྔགས་འཆང་ཆེན་པོའི་ཡིག་སྟེང་ནས་ལྷ་བརྒྱད་ཐུན་མོང་གི་རྗེས་གནང་ཟབ་མོ་གདུང་བརྒྱུད་ཞལ་ངོ་ནང་བརྒྱུད་དུ་བྱོན་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར་ནས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་བར་འོག་ནས་འབྱུང་བ་ལྟར་ལ། དེ་ནས་རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་ཀུན་དགའ་བསོད་ནམས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས། སྔགས་འཆང་བསོད་ནམས་དབང་ཕྱུག །འཇམ་དབྱངས་ཀུན་དགའ་བཀྲ་ཤིས། སྔགས་འཆང་བསོད་ནམས་རིན་ཆེན། རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མ། ས་ཆེན་ཀུན་དགའ་བློ་གྲོས། གནས་ལྔ་ཀུན་དགའ་བཀྲ་ཤིས། ངག་