R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༡ན
[A:༤༣༡ན]དབང་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། ཀུན་སྙིང་འཇིགས་མེད་དབང་རྒྱལ་རྡོ་རྗེ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན། དྲིན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ཚར་ལུགས་ལྷ་བརྒྱད་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། ལྷ་བཅུ་གཉིས་ཐུན་མོང་དང་། ཐུན་མོང་མ་ཡིན་པར་དབྱེ་བའི་རྗེས་གནང་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎ་ཆེན་དད་བྱེད་གོ་ཆ། ལོ་ཙཱ་བ་རིན་ཆེན་བཟང་པོ། གོ་རུ་བ་རིན་ཆེན་བསོད་ནམས།
ལོ་རྒྱུས་ན་གོ་རུ་བ་རིན་ཆེན་བསོད་ནམས་ཞེས་པ་འདི་སྐུ་ཚེའི་སྟོད་རབ་བྱུང་གི་མཚན་དང་། སྐུ་ཚེའི་སྨད་ལ་དཀར་ཆས་སུ་གནས་འགྱུར་བའི་མཚན་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ཞེས་གྲགས་པས་ཐ་དད་དུ་མི་བཞེད་དོ། །
མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ་གོང་མ་ལྔ། དམ་པ་ཀུན་དགའ་གྲགས།
ཆོས་རྗེ་ཁུ་དབོན་གཉིས་ཀས་མདོ་ཁམས་ཀྱི་ཁྲོམ་གསེབ་ཏུ་མགོན་པོར་གཟིགས་པས་