[A:༤༣༣བ]བཙུན་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་འཇམ་རྡོར་མན་གོང་ལྷ་བརྒྱད་དང་འདྲའོ། །
༈ མགོན་པོ་ཁྲོ་བཅུའི་རྗེས་གནང་གི་བརྒྱུད་པ་ནི། བླ་མ་དམ་པ་ཡན་ཞལ་ངོ་ནང་བརྒྱུད་ལྟར་ལ། དེ་ནས། སྔགས་འཆང་གཟུངས་ཀྱི་དཔལ་བ། ཐུགས་སྲས་བཟང་པོ་རྒྱལ་མཚན། རྭ་ལོ་གཉིས་པ་དགེ་བ་རྒྱལ་མཚན། རྗེ་བཙུན་སངས་རྒྱས་མཆོག་པ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། གྲུབ་མཆོག་བཀྲ་ཤིས་སེང་གེ རྡོ་རྗེ་འཆང་ཚར་པ་ཆོས་རྗེ། མཁྱེན་བརྩེའི་དབང་ཕྱུག །བསླབ་གསུམ་རྒྱལ་མཚན། བསོད་ནམས་ཆོས་འཕེལ། ཡབ་སྲས་བཞི་ཀ་ལས་རྡོ་རྗེ་འཆང་དབང་རབ་ཀྱིས་གསན། དེ་ལས་མགོན་པོ་བསོད་ནམས་མཆོག་ལྡན་ཁུ་དབོན་གཉིས། གཉིས་ཀ་ལས་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་ནས་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ངག་དབང་ཀུན་བློ། མཁན་ཆེན་ཀུན་དགའ་རབ་རྒྱས། མངའ་བདག་བྱམས་པ་བསྟན་འཛིན། མང་ཐོས་ཤེས་རབ་འོད་ཟེར། ངག་དབང་ཀུན་དགའ་རྒྱལ་མཚན། རྡོ་རྗེ་འཆང་ཡབ་རྗེ་བཀྲ་ཤིས་རིན་ཆེན། ངག་དབང་འཇིགས་མེད་དབང་རྒྱལ་རྡོ་རྗེ། རིགས་ཀུན་ཁྱབ་བདག་