R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༤ན
[A:༤༣༤ན]ཕྲིན་ལས་རིན་ཆེན། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། ཆོས་རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། ། ཡང་ན། ཀུན་བློ་ནས། གྲུབ་དབང་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ཐེག་ཆེན་བཀྲ་ཤིས་རིན་ཆེན་མན་གོང་འདྲའོ། །ཡང་ན། མཁྱེན་བརྩེའི་དབང་ཕྱུག་ནས། མཁན་ཆེན་བྱམས་པ་རབ་བརྟན། འདྲེན་མཆོག་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ། ཡང་ན། ཚར་ཆེན་ནས། མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། ངག་དབང་ཆོས་གྲགས། སྔགས་འཆང་ཀུན་བསོད། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག །ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་འདྲ། ཡང་ན། ཨ་མེས་ཞབས་ཡབ་སྲས་གསུམ་ཀ་ལས་རྨོར་ཆེན་གྱིས་གསན་པ་མན་འདྲའོ། ། ཁྲོ་བཅུ་འདི་ལ་མཐའ་རྟེན་གསུམ་དང་། ལྕེ་བྱིན་རླབས་བཞག་ན་ཐུན་མོང་བ་ཡིན་གསུངས། ༈ གུར་གྱི་མགོན་པོ་གསང་སྒྲུབ་ལྷ་དགུའི་རྗེས་གནང་ཐུན་མོང་མ་ཡིན་