[A:༤༣༧ན]ས་ཆེན་ནས། ཡར་སྒོམ་སེ་བོ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་མན་འདྲའོ། །ཡང་ན། རྗེ་བཙུན་ས་ཆེན་ནས། འགོས་སྟོན་ཚར་སྒང་པ། དགེ་བཤེས་མི་གཡོ་བ། གཤེན་སྒོམ་བླ་མ་དཔལ། སློབ་དཔོན་ཤེས་རབ་བླ་མ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དཔལ་ལྡན་བླ་མ་དམ་པ། ཡར་ཀླུང་པ་སེང་རྒྱལ་མན་འདྲ། ཡང་ན། རྗེ་བཙུན་ས་པཎ་ནས། མདོ་ཁམས་ཀྱི་རྟ་སྒོ་བླ་མ། སློབ་དཔོན་ཤེས་རབ་བླ་མ་མན་འདྲ།
༈ ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་བརྒྱུད་པ་ནི། འགོས་སྟོན་ཚར་སྒང་པ། རྟ་སྒོ་བླ་མ་ཡོད་པ་སོར་གནས་ཀྱི། དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན་རྡོ་རྗེ་འཆང་མན་སྔར་དང་འདྲའོ། །ཡང་ན། རྨོར་ཆེན་ནས། ཁམས་སྟོན་སངས་རྒྱས་རྒྱ་མཚོ། གནས་གསར་བ་མན་འདྲའོ། །
༈ གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་། ཕྱིའི་ནོར་སྲུང་གནོད་སྦྱིན་ཕོ་མོའི་ཚུལ་དང་། ནང་གསང་བ་གཤིན་རྗེ་ཕོ་མོའི་