R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༦བ
[A:༤༣༦བ]རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཆོག །ནམ་མཁའ་རྒྱལ་མཚན། གཅེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། མཁས་པ་རཏྣ་ཤྲཱི་ལ། རྗེ་སྒོ་རུམ་པ། ཚར་ཆེན་ཡབ་སྲས་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེ། དེ་ནས་རྗེ་བསླབ་གསུམ་དང་། ཏ་ར་བ་གཉིས་ཀས་གསན། ཡབ་སྲས་བཞི་ག་ལས་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ། ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲའོ། ། ཡང་ན། རྨོར་ཆེན། ཁམས་སྟོན་སངས་རྒྱས་རྒྱ་མཚོ། གནས་གསར་བ། ཀུན་བློ། རིན་ཆེན་རྒྱལ་མཚན། མཁས་གྲུབ་བྱམས་པ་བསྟན་འཛིན། མུས་ཆེན་ཆོས་ཉིད་ཡེ་ཤེས། ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། ས་སྐྱ་པ་རྡོ་རྗེ་རིན་ཆེན། རྗེ་བཙུན་རྟ་མགྲིན་དབང་མོ། ངག་དབང་འཇིགས་མེད་དབང་རྒྱལ། འཇམ་མགོན་དྲག་ཤུལ་ཕྲིན་ལས་རིན་ཆེན། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་པ་ལའོ། ། ཡང་ན། རྗེ་