[A:༤༣༩བ]རྨོར་ཆེན་ཆོས་ཀྱི་རྒྱལ་པོ་ནས། ཁམས་སྟོན་སངས་རྒྱས་རྒྱ་མཚོ། གནས་གསར་བ་མན་འདྲའོ། །
༈ བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། ཡར་ཀླུང་པ་སེང་གེ་རྒྱལ་མཚན་ནས། མཁན་ཆེན་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། ཆོས་རྗེ་ཚུལ་ཁྲིམས་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། ཡང་ན། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ཀུ་ཀུ་རི་པ། དུར་ཁྲོད་ནག་པོ་རོ་འཛིན། གྱི་ལྗང་ལོ་ཙཱ་བ་དབུ་དཀར། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཁམས་པ་དོ་པ་སྟོན་ཚུལ་མན་འདྲའོ། །ཡང་ན། ས་ཆེན་ནས། ཞང་མངའ་རིས་པ། དགེ་བསྙེན་སྲས་མཆོག་མགོན་པོ། དོལ་པོ་འབྱུང་གནས་དཔལ། རྒྱ་སྒོམ་ཚུལ་ཁྲིམས་གྲགས། དོ་པ་སྟོན་ཚུལ་མན་འདྲའོ། །
༈ དུད་སོལ་ལྷ་མོའི་ཕྱི་སྒྲུབ་ཀྱི་རྗེས་གནང་དང་། གཞན་ཡང་མགོན་པོ་ཆེ་ཆུང་གི་རྗེས་གནང་སོགས་སྒྲུབ་བཏུས་ན་ཡོད་པ་རྣམས་ཀྱི་བརྒྱུད་པ་གོང་སྒྲུབ་བཏུས་བརྒྱུད་ཡིག་