R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༠ན
[A:༤༤༠ན]ལྟར་ཡིན་ཅིང། དེ་གཙོ་བོར་དེད། གཞན་འདི་བཞིན་ཡིན། དུད་སོལ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་དང་། བོད་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྔོག་ཆོས་སྐུ་རྡོ་རྗེ་ནས། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཐོགས་མེད་གྲགས། རྒྱལ་ཚར་མོ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྔོག་ཁྲ་ཚང་པ་བསོད་ནམས་དོན་གྲུབ། རྔོག་ཤཱཀྱ་དོན་གྲུབ། རྔོག་ཐར་གླིང་པ་བསོད་ནམས་ལྷུན་པོ། དེ་སྲས་རྔོག་བསོད་ནམས་བསྟན་འཛིན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། དེ་ནས་མཁྱེན་བརྩེ། དབང་རབ། མཁན་ཆེན་ཞྭ་ལུ་བ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་རྗེ། ས་ཆེན་ཀུན་བློ། རིན་ཆེན་རྒྱལ་མཚན། བྱམས་བསྟན། ཀུན་བཀྲས། ཀུན་རིན། ཀུན་རྒྱན། བཀྲ་ཤིས་རིན་ཆེན། ཡབ་རྗེ་ཀུན་སྙིང་། ཀརྨ་རཏྣ། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་སུ་སྐྱེས་པ་ལའོ། ། དུད་པོད་ལུང་བརྒྱུད་ཀུན་དགའ་