R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༡བ
[A:༤༤༡བ]མཚན། མཁས་གྲུབ་བྱམས་པ་བསྟན་འཛིན། དྲིན་ཅན་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། གྲུབ་མཆོག་རྡོ་རྗེ་རིན་ཆེན། འཇམ་མགོན་བསྟན་འཛིན་སྙན་གྲགས། བླ་མ་ངག་དབང་ཀླུ་སྒྲུབ། ན་ལེནྡྲའི་རྡོར་སློབ་བླ་མ་ཆོས་ཉིད། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་སུ་སྐྱེས་པ་ཐེག་ཆེན་དཔལ་འབར་ལའོ། །འོག་མ་རྣམས་ལའང་རིགས་འགྲེའོ། ། ཡང་མེ་འབར་མའི་ཕྱིའི་ཆོས་སྐོར་ནང་སྒྲུབ་ཀྱི་ཡི་གེ་ལྔ། གསང་བ་ཐུན་མོང་མ་ཡིན་པའི་ཡི་གེ་བདུན་དང་བཅས་པའི་ལུང་གི་བརྒྱུད་པ་ལུགས་གཅིག་ལ། ཚར་ཆེན་དང་། ཀུན་མཁྱེན་མཁྱེན་བརྩེའི་ཞབས་གཉིས་ཀ་ལས། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་གོང་བཞིན་ནོ། ། རྡོ་རྗེའི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། ཆོས་རྗེ་བླ་མ་དམ་པ་ཡན་གོང་བཞིན་ལ། དེ་ནས། ཡར་ཀླུང་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཀླུ་དབང་གླིང་པ་ཀུན་དགའ་