R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༡ན
[A:༤༤༡ན]
(ཁ)
༈ དེ་དག་གི་རྒྱབ་རྟེན་ལུང་གི་སྐོར་ལ། ལྷ། རྒྱ། ལྡིངས། ཡར་གྱི་རྟགས་ཡོད་པ་རྣམས་མ་གཏོགས་པའི་མེ་འབར་མ་དང་། ཁ་སྐོང་གཉིས་ཀྱི་མཆོད་རྟེན་གྱི་རྟགས་ཅན་རྣམས་དང་། རྒྱ། ངག །ས། ལོའི་རྟགས་ཅན་རྣམས་མ་གཏོགས་པའི་སྙན་བརྒྱུད་པོ་ཏིའི་རྟོགས་
(རྟགས་)
ཡོད་མེད་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་པ་ནི།
ཕོ་རྐྱང་གི་ཐོག་མའི་བརྒྱུད་རིམ་དུ། རྡོ་རྗེ་འཆང་། ཀླུ་སྒྲུབ། ཨཱརྱ་དེ་ཝ། བིརྺ་པ། ནག་པོ་པ། མཆོག་སྲེད་ཅེས་སྒོ་རུམ་དཔེ་ཁང་གི་ས་ཆེན་གྱི་ཕྱག་བྲིས་ངོ་མ་བདག་ཆེན་རྡོ་རྗེ་འཆང་གིས་རྙེད་པ་ལས་བྱུང་ངོ་།།
སངས་རྒྱས་རྡོ་རྗེ་འཆང་ནས། རྡོ་རིངས་པ་ཀུན་སྤངས་ཆེན་པོ་ཡན་གོང་ལྷ་བརྒྱད་ཚར་ལུགས་སོགས་ཀྱི་རྗེས་གནང་བཞིན་ལ། དེ་ནས་ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་པ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་ཀུན་དགའ་ལེགས་འབྱུང་། འཁོན་སྟོན་ངག་དབང་ཀུན་དགའ་བློ་གྲོས། རྡོ་རྗེ་འཆང་རིན་ཆེན་རྒྱལ་