R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༤བ
[A:༤༤༤བ]ཆེན་ནམ་མཁའ་ལྷུན་བཟང་། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་མན་འདྲའོ། །ཡང་ན། སྐྱི་སྟོན། དོལ་ཕུ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ ཐེག་ཆེན་པ་མན་འདྲ། ། ཡང་ན། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར་བ། མལ་ལོ་བློ་གྲོས་གྲགས་པ། ས་སྐྱ་པ་ཆེན་པོ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། རྗེ་ཚུལ་ཁྲིམས་པ། ཚར་པ་རྡོ་རྗེ་འཆང་མན་འདྲའོ། །ཁ་སྐོང་མུ་གཡུང་དྲུང་ཅན་གྱི་བརྒྱུད་པའང་འདི་ཉིད་དོ། ། མེ་འབར་ཁ་སྐོང་། སྙན་བརྒྱུད་གསུམ་གྱི་ཆོས་སྐོར་གཏེར་བྱིན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། འདིས་རྡོ་རྗེ་གདན་གྱི་ཀ་བ་ལ་གཏེར་ཏུ་སྦས། དེ་ནས་དཔལ་ཨོ་རྒྱན་ཆེན་པོ་པདྨ་བཛྲ་གྱིས་སྤྱན་དྲངས་ནས་རྒྱ་གར་ཤར་ཕྱོགས་དྷརྨ་པཱ་ལ་ལ་གནང་། དེས་ཏི་སེ་དང་མཚོ་མ་དྲོས་པ་གཟིགས་