[A:༤༤༥ན]པའི་ཆེད་དུ་བྱོན་པས་ལོ་ཙཱ་བ་ཆེན་པོ་མཇལ་བར་གདམས་པ་རྣམས་གནང་། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་གོང་བཞིན་ནོ། །
མེ་འབར་པོ་ཏི་ཕྱི་སྒྲུབ་ཡིག་སྣ་བརྒྱ་དང་ཉི་ཤུའི་བརྒྱུད་པ་ལུགས་གཅིག་ནི། ཡབ་འཇམ་དབྱངས་ཆེན་པོ་ནས། གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན། ཡབ་སྲས་གཉིས་ཀ་ལས་གཅུང་བདག་ཆེན་རྡོ་རྗེ་འཆང་། དེ་ལས་རྡོ་རིངས་རིན་པོ་ཆེ་དང་། མཁན་ཆེན་རཏྣ་ཤྲཱིས་གསན། གསུམ་ག་ལས་རྗེ་བཙུན་སྒོ་རུམ་པ། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན། ཚར་པ་རྡོ་རྗེ་འཆང་ཆེན་པོ་ནས། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རབ་འབྱམས་ཆོས་རྗེ་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲའོ། །
རྒྱ་རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་རྒྱ་པདྨ་དབང་ཕྱུག །ལྷོ་པ་སྟོན་ཉི། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་