R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༥བ
[A:༤༤༥བ]ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་སེང་གེ་རྒྱལ་མཚན། མན་འདྲ། ཡང་། ཕྱི་ཁྲིད། ནང་ཁྲིད། དེ་ལས་འཕྲོས་པའི་ཡི་གེ མེ་འབར་དཀར་ཆག་གི་གསང་བ་ཐུན་མོང་མ་ཡིན་པའི་ཡི་གེ །མཆོད་རྟེན་གྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནས། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་མན་འདྲ། བྲན་བདུད་ཀྱི་ཆོས་ཚན་གསུམ་གྱི་ལུང་བརྒྱུད་ནི། ས་ཆེན་ནས། ཞང་མངའ་རིས་པ། དགེ་བསྙེན་སྲས་མཆོག་མགོན་པོ། དོལ་པོ་འབྱུང་གནས་དཔལ། བླ་མ་དགོན་པ་རྒྱ། དོ་པ་སྟོན་ཚུལ་མན་འདྲའོ། ། ཡར་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། ས་ཆེན་ནས། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་