R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༦བ
[A:༤༤༦བ]པའི། །རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུ་བཏབ་པས་ཤེས། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་ཞིང་། གོང་དུ་ངོས་མ་ཟིན་པའི་མེ་འབར། ཁ་སྐོང་། གྱི་ལྗང་གསུམ་ལ་རྟགས་མེད་པ་འགའ་ཞིག་བྱུང་བ་རྣམས་མཆན་བུ་འགྲོལ་རྒྱུ་ཡི་གེ་ངོ་མ་མ་མཐོང་བ་དང་། གཞན་ཡང་གོང་གི་རྟགས་བརྒྱུད་འདྲེན་སྐབས་མ་འཐུས་པའི་ཡིག་རྟགས་སྣ་ཚོགས་པ་ཡོད་པ་རྣམས་ལ་ཡང་བརྒྱུད་པ་དམིགས་བསལ་དགོས་འདྲ་ཡང་། གསན་ཡིག་སྔ་མ་དག་ཏུ་ཡང་ཡིག་རྟགས་ཉུང་བསྡུས་མཛད་པ་ལྟར། འདིར་ཡང་དེ་བཞིན་སོར་གནས་ཡིན་མོད། ཡིག་རྟགས་འགའ་ཞིག་གི་བརྒྱུད་པ་རྣམས་དོན་གྱི་བརྒྱུད་པ་ནི་འདུས་སམ་སྙམ་པ་བཅས་འདི་དག་ལ་སླར་ཡང་དཔྱད་པར་བྱའོ། །
(ག)
གོང་ལྡེབ་ ༤༤༠ པ་ ༢ གཟིགས་མཛོད།