R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༠བ
[A:༤༥༠བ]ཆོག་གི་ཡི་གེ་གོང་མས་མཛད་པ། དེ་ཝཱི་སིདྡྷིའི་ཞེས་ཉེར་གཅིག་གམ་གསུམ་ལ་སོགས་པ་དབུལ་ལོའི་མཐའ་ཅན། མགོར། ཚངས་པ་སེར་པོ་དང་བ་ཞོན། །ཞེས་ཡོད་པའི་འཁོར་མང་གི་མངོན་རྟོགས་ཚིགས་བཅད་མ། གོང་མས་མཛད་པ་བཀའ་ཉན་གསུང་བསྟོད་ལས་བྱེད་ཚུལ་དུ་བསམ་གྱི་མཐའ་ཅན། ལས་སྦྱོར་གྱི་གསལ་བྱེད་ལས་ཀྱི་ཤམ་བུ་བརྒྱུད་
(གློ ཉི a)
པ་ཞེས་པ་བསད་པའི་ལས། མཛེ་གཏོང་བ། རབས་གཅོད་པ། ཞིང་ལ་ལོ་མི་སྐྱེ་བ། རིམས་ནད་གཏོང་བ། གྲོང་ཁྱེར་དཀྲུགས་པ། གྲོང་བཤིག་པ། བསྐྲད་པ། སྨྱོ་བར་བྱེད་པ།
འདི་གཉིས་ལྷག་པ་འདྲ་ཞིག་བྱུང་ཀྱང་གོང་གི་ཁོངས་སུ་འདུས་སམ་སྙམ།
དབང་དུ་བྱེད་པ་རྣམས་གཉན་ལོས་མཛད་པ། འདི་ཡན་གྱིས་གླང་གདོང་མའི་སྐོར་རྫོགས་ནས། ཞར་བྱུང་མགོར། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཔལ་ལྡན་མགོན་པོ་ཞལ་བཞི་པའི། །གསེར་གྱི་སྤུ་གྲིའི་ལག་ལེན་འབྲི། །ཞེས་ཡོད་པའི་དཔལ་མགོན་ཁྱུང་ཞལ་ཅན་ནམ། དམག་དཔོན་མགོན་པོའི་སྒྲུབ་ཐབས་ལག་ལེན་གཞུང་ནས་དྲིལ་ནས་བཏུས་པ། སྔགས་འཆང་བསྟན་པ་བསྲུང་བར་ཤོག་