R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༡ན
[A:༤༥༡ན]གི་མཐའ་ཅན་རྣམས་སོ། ། གཉིས་པ་ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ་ལ། མགོར་རྒྱ་སྐད་དང་། ཞལ་བཞི་པའི་དམ་ཚིག་དངོས་གྲུབ་སྒྲུབ་པའི་ཐབས་ཞེས་ཡོད་པའི་རྩ་བའི་སྒྲུབ་ཐབས་
(ཨེ)
(རྒོ)
(གློ)
(ཉི)
(a)
རྫོང་པོད་ནའང་ཡོད།
ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་
བདག་མདུན་མགོན་པོ་ཞལ་ཁྲ་ཅན་ནམ་སྒྲུབ་དུས་ཀྱི་མགོན་པོ་གྲགས་ཤིང་དེང་སང་ཡོངས་གྲགས་ཀྱི་སྒྲུབ་དུས་ཀྱི་མགོན་པོ་ཞལ་གཡས་གཡོན་མཐིང་ནག་དུ་བྱེད་པའི་ཡི་གེ་འགའ་ཞིག་འདུག་ཀྱང་ཚར་ལུགས་ལ་སྒྲུབ་དུས་ཀྱང་ཞལ་ཁྲ་ཅན་དུ་མཛད་པ་གཞུང་འདིའི་གནད་འགག་གཙོ་བོར་སྟོན་པར་སྣང་།
རྒྱ་གཞུང་རྩོམ་པ་པོ་རང་ཉིད་དང་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་བསྒྱུར་བ། གཞུང་ཆུང་འདི་ལ་ཕྲིན་ལས་རྣམ་བཞི་བྱེ་བྲག་ཏུ་སྒྲུབ་ཚུལ་གྱི་གནད་འགགས་ཀྱང་ཟུར་ཙམ་བསྟན་འདུག་ཅིང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསང་སྒྲུབ་གསལ་བྱེད་སྙིང་ཐིག་གི་སྐབས་རྒྱ་གཞུང་ལས་བཤད་ཚུལ་གྱི་རྩ་བའང་གཞུང་འདི་ལ་བརྟེན་པ་ཡིན་ནོ། ། མགོར་རྒྱ་གར་གྱི་ཡུལ་དུ་ཆུ་བོ་གངྒཱ་དང་ཉི་མ་ཕྱེད་དང་གཉིས་ཙམ་ཡོད་པའི་གྲོང་ཆུང་ངུའི་འགྲམ་ཞིག་ན་ཞེས་ཡོད་པའི་གཉན་ལོས་མཛད་པའི་པཎྜི་ཏ་མཇལ་ཚུལ་གྱི་ལོ་རྒྱུས་ཉུང་ངུ་དང་འབྲེལ་བའི་
(གློ)
སྒྲུབ་ཐབས་
རྫོང་པོད་ནའང་ཡོད།
གྱི་རིམ་པ་