R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༢བ
[A:༤༥༢བ]བཀྲ་ཤིས་བྱའོའི་མཐའ་ཅན། ༧མགོར། ཏཱ་ར་ལ་ན་མོ། འདིའི་རྗེས་གནང་ལ་དོན་གསུམ་སྟེ། ཞེས་ཡོད་པའི་རྗེས་གནང་
(ཨོ)
(སྒོ)
(བློ)
(a)
གསལ་བ་
རྫོང་པོད་ནའང་ཡོད།
དོན་དུ་གཉེར་བ་འགས་ཡང་ཡང་གསོལ་བ་བཏབ་པའི་ངོར་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་བྲིས་པ། ༧མགོར། ཨོཾ་སྭ་སྟི། སྲིད་གསུམ་དབང་བསྒྱུར་དཔལ་ལྡན་ནག་པོ་ཆེ། །ཞེས་ཡོད་པའི་རྗེས་གནང་ཤིན་ཏུ་རྒྱས་པ་ནག་པོ་འགྲོ་ཤེས་
(ཉི)
ཞེས་པ་དབང་པོར་ནག་པོ་ཆེན་པོར་བཞུགས་པ་འདི་རང་གི་བླ་མས་རྗེས་སུ་གནང་ནས་བཀས་བསྐུལ་ཞིང་གྲོགས་མཆེད་དམ་པའི་གསུང་གི་ངོར་རྗེ་བཙུན་པའི་ཡི་གེའི་སྟེང་ཏུ་འཕགས་པའི་ཕྱག་ལེན་དང་ཞང་ཁུ་དབོན་ལས་བརྒྱུད་དེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་བཞེས་ལྟར་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་མཛད་པ། དེས་སློབ་མས་བསྐུལ་བའི་ངོར་མཛད་པའི་མགོར། དཔལ་གདོང་བཞི་པའི་རྗེས་གནང་ཐུན་མོང་མ་ཡིན་པ་ལ། ཞེས་ཡོད་པའི་གྲི་སྙིང་བླ་རྡོ་སྲོག་འཁོར་ཕྱག་མཚན་རྣམས་ཀྱི་རྗེས་གནང་གི་ཡི་གེ་རྣམས་སོ། ། ༈ གསུམ་པ་རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ལ། ཀུན་གྱི་རྩ་བ་རི་སུལ་གྱི་རྣལ་འབྱོར་