R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༢ན
[A:༤༥༢ན]
ཞུས་ཟེར་བ་ལྟར་ན་ཚིགས་གཅིག་གཉིས་བསྣན་པ་འདྲའོ།།
༧མགོར། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་སྲུང་འདིའི་ལོ་རྒྱུས་ནི། །བླ་མ་རྡོ་རྗེ་གདན་པ་ལ། །ཞེས་ཡོད་པའི་ལོ་རྒྱུས་
(ཉི)
ཀྱི་ཡི་གེ་རྒྱས་པ་འཕགས་པས་མཛད་པ། མངའ་བདག་ཀྱང་དེ་རུ་གྲོངས། བློན་པོ་ལ་ལ་ཡང་ཤི་སྐད་ཀྱི་མཐའ་ཅན། ཞར་བྱུང་བླ་བརྒྱུད་དང་བཅས་པ། ༈ གཉིས་པ་ནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ་ལ། མགོར། ཨོཾ་སྭ་སྟི་སིདྡྷཾ། ནག་པོ་ཆེན་པོའི་ལུང་སྦྱིན་པ་ནི། འབྱོར་ན་ཚོགས་ཀྱི་འཁོར་ལོའི་རྟིང་ལ་བྱ།
(སྒོ)
ཞེས་ཡོད་པའི་ནག་པོ་ཆེན་པོའི་རྗེས་གནང་གཉན་ལོ་ཙཱ་བས་མཛད་པ་གདམས་པའོའི་མཐའ་ཅན།
རྫོང་པོད་ནའང་ཡོད།
མགོར། བླ་མ་དང་ཏཱ་ར་ལ་ན་མོ། ནག་པོ་ཆེན་པོ་ཞལ་བཞི་པའི་རྗེས་གནང་ལ་གསུམ་སྟེ། ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ཁའུ་པས་མཛད་པ། སྨོན་ལམ་གདབ་བོ། ཞལ་བཞི་པའི་རྗེས་གནང་རྫོགས་སོའི་མཐའ་ཅན། ༧མགོར། ན་མོ་གུ་རུ། དབང་ཐོབ་ཅིང་དམ་ཚིག་མ་ཉམས་པས། ཞེས་ཡོད་པའི་རྗེས་གནང་གནང་གི་ཡི་གེ་ས་ཆེན་གྱིས་མཛད་པ།