R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༦ན
[A:༤༥༦ན]པ་ལ་ཉམས་ཆག་གམ། འཆི་ལྟས་བྱུང་བའམ། ཆག་ཆེ་བའི་དུས་སུ་
(ཉི)
(a)
གཏོར་སྐྱོང་བྱེད་པར་འདོད་ན། ནང་དུ་གཏོར་མ་ཞེས་ཡོད་པའི་ཉམས་ཆག་སྐྱོང་བའི་ཡི་གེ རྒྱས་པར་གདམས་ངག་Jའི་མཐའ་ཅན། ༧མགོར། འདི་ཡི་དམ་ཚིག་གསོ་བ་ནི། །ཞེས་ཡོད་པའི་ཁའུ་པས་མཛད་པའི་དམ་ཚིག་གསོ་བའི་པདྨ་
(ཨེ)
(སྒོ)
(བློ)
ཁ་སྦྱོར་གྱི་ཡི་གེ་བསྡུས་པ་བླ་མ་གནམ་ཁའུ་གསུང་Jའི་མཐའ་ཅན། ༧དེས་མཛད་པའི་མགོར། བླ་མ་དམ་པ་དང་ནག་པོ་གདོང་བཞི་པ་ལ་ན་མོ། ཆོས་སྐྱོང་འདི་བསྟེན་པ་ན་
(ཉི)
(a)
ཞེས་ཡོད་པའི་པདྨ་ཁ་སྦྱོར་གྱི་ཡི་གེ་རྒྱས་པ་གནམ་ཁའུ་པའི་གདམས་པ་ས་མཱཔྟ་མི་ཐིའི་མཐའ་ཅན། ༧མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། མགོན་པོའི་གསང་བ་བྱེད་པར་འདོད་པས། ཞེས་ཡོད་པ་
(ཨེ)
(སྒོ)
(བློ)
(ཉི)
(a)
གསང་བའི་ཆོ་གའོའི་མཐའ་ཅན་རྣམས་སོ།།
འདི་དཀར་ཆག་ཏུ་མི་གསལ་རྫོང་པོད་ན་ཡོད།
༈ །གཉིས་པ་བྱེ་བྲག་གི་ལྷན་ཐབས་ལ། སྔོན་འགྲོ་རྟེན་གྱི་སྐབས་སུ་མགོར། ཏཱ་ར་ན་མོ། མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ནི། ཕྱི་རྟེན་དུ་